Friday 12 January 2024

༢༠༢༣ ལོའི་གྲྭ་ཚང་གི་ཚན་རིག་ལོ་འཁོར་རྒྱུགས་སྤྲོད།

  ༢༠༢༣ ལོའི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཚན་རིག་ལོ་འཁོར་རྒྱུགས་སྤྲོད་ དེ་བཞིན་༢༠༢༤ཟླ་བ་ ༡ པའི་ཚེས་ ༩ ནས་ ཚེས་ ༡༡ བར་ཉིན་གྲངས་... thumbnail 1 summary

 ༢༠༢༣ ལོའི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་ཚན་རིག་ལོ་འཁོར་རྒྱུགས་སྤྲོད་དེ་བཞིན་༢༠༢༤ཟླ་བ་ ༡ པའི་ཚེས་ ༩ ནས་ ཚེས་ ༡༡ བར་ཉིན་གྲངས་གསུམ་རིང་ལ་ཚོགས་ཡོད། ཚན་རིག་སྡེ་ཚན་གྱི་ལོ་འཁོར་རྒྱུགས་སྤྲོད་སྐབས་སྐད་ཡིག་དང་ཚན་རིག་གི་རྒྱུགས་སྤྲོད་ཚན་པ་གཉིས་ཡོད། སྐད་ཡིག་རྒྱུགས་སྤྲོད་ལ་དབྱིན་ཇི་འཛིན་གྲྭ་གསུམ་དང་རྒྱ་ཡིག་འཛིན་གྲྭ་གཅིག་བཅས་ལ་ངག་རྒྱུགས་དང་བྲིས་རྒྱུགས་གཉིས་ཚེས་ ༩ ཉིན་རྒྱུགས་བླངས། ཚེས་༡༠ ཉིན་ཚན་རིག་གི་ངག་རྒྱུགས་དང་བྲིས་རྒྱུགས་རྒྱུགས་སྤྲོད་དངོས་གཞི་དེ་ཉིད་ཚེས་ ༡༡ ཉིན་སྔ་དྲོར་ཚོགས་ཡོད། 

ཚན་རིག

ངག་རྒྱུགས་སྐབས་སུ་སློབ་ཕྲུག་སོ་སོའི་ངོས་ནས་རང་མོས་ཀྱིས་དབང་རྩ་དང་སྐྱེ་དངོས་དངོས་ཁམས་བཅས་ཚན་རིག་ལྟེ་གནས་ཁང་འདིར་འཁྲིད་བཞིན་པའི་སློབ་ཚན་གསུམ་གང་རུང་ནས་འཛིན་གྲྭ་སོ་སོའི་སློབ་ཚན་དང་འབྲེལ་ཡོད་ཀྱི་བརྗོད་བྱ་ཞིག་གི་ཐོག་ལ་སྐར་མ་ལྔའི་རིང་གཏམ་བཤད་བྱེད་དགོས། གཏམ་བཤད་གྲུབ་མཚམས་རྒྱུགས་ཞིབ་པས་གཏམ་བཤད་དང་འབྲེལ་ཡོད་ཀྱི་དྲི་བ་བཀོད་པ་དེར་ལན་ཕུལ་དགོས་པ་ཡིན། ཚེས་ ༡༡ ཉིན་གྱི་ཞོགས་པར་ཚན་རིག་གི་འབྲི་རྒྱུགས་ལེན་ཡོད་པ་དང་འབྲི་རྒྱུགས་ནང་སྐྱེ་དངོས་དང་དབང་རྩ་དངོས་ཁམས་བཅས་ཀྱི་སློབ་ཚན་ཁག་ནས་འདམ་གསེས་ཅན་གྱི་དྲི་བ་༤༡ དང་སློབ་ཚན་གསུམ་པོ་གང་རུང་ཞིག་དང་འབྲེལ་བའི་རྩོམ་ཐུང་གཅིག་རེ་བཅས་འབྲི་དགོས། 

















No comments

Post a Comment

Like us on Facebook