Wednesday 3 April 2024

ཁམ་ཙིག་ཀླད་ཞོ་དང་འབྲེལ་བའི་ཡིད་དབང་འཕྲོག་པའི་ཤེས་རྟོགས།

ཀླད་པའི་ཆ་ཤས་ཆུང་ངུ་ཞིག་སྟེ་ཁམ་ཙིག་ཀླད་ཞོས་བརྡ་འཕྲིན་གྱི་འབོར་ཚད་ཊེ་ར་བྷི་ཊི་ས་ཡ་ཁ་ཤས་སམ་དེ་ལས་མང་བ་ཉར་འཛིན་བྱེད་ཐུབ། གཞི་རྩའི་ཆ་ནས་ཀླད་པའི་... thumbnail 1 summary

ཀླད་པའི་ཆ་ཤས་ཆུང་ངུ་ཞིག་སྟེ་ཁམ་ཙིག་ཀླད་ཞོས་བརྡ་འཕྲིན་གྱི་འབོར་ཚད་ཊེ་ར་བྷི་ཊི་ས་ཡ་ཁ་ཤས་སམ་དེ་ལས་མང་བ་ཉར་འཛིན་བྱེད་ཐུབ། གཞི་རྩའི་ཆ་ནས་ཀླད་པའི་ཆ་ཤས་འདི་ཡུན་རིང་དྲན་པའི་ཆགས་ཚུལ་དང་
འབྲེལ་བ་ཡོད་པ་ཡིན། གཤམ་དུ་འཁོད་པ་རྣམས་ནི་ཁམ་ཙིག་ཀླད་ཞོའི་སྐོར་གྱི་ངོ་མཚར་ཆེ་བའི་གནས་ཚུལ་འགའ་ཞིག་ཡིན། 

 ༡ ༽ ཁམ་ཙིག་ཀླད་ཞོ་ནི་ཀླད་པའི་གཙུག་འདབ་གཡས་གཡོན་གྱི་གཏིང་རིམ་དུ་ཆགས་ཤིང་ཁམ་འབྲས་དབྱིབས་ཅན་གྱི་ལྟེ་ཉིང་ཚོགས་གཉིས་ཡོད། 

 ༢ ༽ ཁམ་ཙིག་ཀླད་ཞོ་ཞེས་པ་ནི་གྷི་རིག་གི་ཚིག་ཅེས་པའི་དོན་ཡིན་ལ། དེ་ནི་ཁམ་འབྲས་ཞེས་པའི་དོན་ལ་འཇུག་ཁམ་ཙིག་ཀླད་ཞོ་འདི་དག་ནི་ཁམ་འབྲས་དང་འདྲ་བས་དེར་དེ་ལྟར་དུ་བཏགས། ཀླད་པའི་ཆ་ཤས་འདི་ལ་ད་དུང་ཁམ་ཙིག་ཀླད་ཞོའི་ཕུང་གྲུབ་ཅེས་ཀྱང་འབོད། 

༣ ༽ ཁམ་ཙིག་ཀླད་ཞོ་ཞེས་པ་ནི་འཇར་མན་གྱི་ལུས་ཁམས་རིག་པ་བ་ཁར་ལི་ཧྥེ་རེ་ཌི་རི་ཁེ་པུར་དྷི་ཀི་ཡིས་ཐོག་མར་ངོ་སྤྲོད་བྱས་པ་རེད། 

 ༤ ༽ ཁམ་ཙིག་ཀླད་ཞོས་དྲན་པའི་ཐག་གཅོད་བྱེད་རིམ་དང་། འཇིགས་སྣང་དང་། དངངས་འཚབ། དྲག་ཤུལ་སོགས་མྱོང་ཚོར་གྱི་ཡ་ལན་ལྟ་བུར་བྱེད་ལས་གལ་ཆེན་སྒྲུབ་ཀྱི་ཡོད།

 ༥ ༽ དེ་དང་དུས་མཚུངས་སུ་ཁམ་ཙིག་ཀླད་ཞོ་ཡང་དགེ་བའི་མྱོང་ཚོར་མྱོང་བའི་བྱེད་རིམ་དང་འབྲེལ་བ་ཡོད། 

 ༦ ༽ ཞིབ་འཇུག་འགའ་ཞིག་གིས་ཁམ་ཙིག་ཀླད་ཞོ་གཡོན་མས་ཀླད་པའི་བྱ་དགའ་སྤྲོད་པའི་བྱེད་རིམ་ལ་བྱེད་ལས་སྒྲུབ་ཀྱི་ཡོད་པར་བསྟན་ཡོད། 

༧ ༽ ཁམ་ཙིག་ཀླད་ཞོ་འདི་ལ་ད་དུང་སྤྱི་ཚོགས་དྲ་བའི་ནང་གི་བྱེད་ལས་གལ་ཆེན་ཞིག་ཡོད་པར་ཡིད་ཆེས་བྱེད་པ་རེད། དེ་ཡང་དེའི་འབོར་ཚད་དང་མི་དང་མིའི་བར་གྱི་འབྲེལ་བའི་གྲངས་ཀའི་ཆེ་ཆུང་དང་། མི་དེ་སྤྱི་ཚོགས་དྲ་བའི་ནང་གི་ཚོགས་པ་མི་འདྲ་བའི་གྲངས་ཀའི་རྙོག་འཛིང་གཉིས་ཀ་དང་མཐུན་པའི་སྒོ་ནས་འབྲེལ་བ་ཡོད། 

 ༨ ༽ ཞིབ་འཇུག་གིས་ཀླད་པའི་ཆ་ཁུལ་འདི་ལ་སྐུལ་སློང་བྱས་ན་འཁྲིག་སྤྱོད་དང་དྲག་སྤྱོད་ཀྱི་གཤིས་སྤྱོད་གཉིས་ཀའི་ཚད་མཐོ་རུ་འགྲོ་བར་བསྟན་ཡོད། 

 ༩ ༽ རྒྱུན་ལྡན་མ་ཡིན་པའི་རྒྱུད་བཞག་ནད་གཞི་ཨུར་པག་ནད་གཞིའི་དབང་གིས་མིའི་རིགས་ཀྱི་ནད་པ་འགའ་ཞིག་ལ་ཁམ་ཙིག་ཀླད་ཞོའི་ཕྱོགས་གཉིས་ཀྱི་གནས་ཡུལ་ལ་གནོད་སྐྱོན་ཕོག་པའི་ནད་རྟགས་མངོན་གྱི་ཡོད། ནད་གཞི་འདི་ལས་མནར་བའི་མི་དག་གིས་འཇིགས་སྣང་དང་འབྲེལ་བའི་སྤྱོད་ལམ་མངོན་པར་མི་བྱེད། 

 ༡༠ ༽ ཕྲ་བའི་དཀྲུག་སྐྱོན་གྱི་རིགས། ཁམ་ཙིག་ཀླད་ཞོའི་བྱེད་ལས་རྒྱུན་ལྡན་མིན་པ་འདི་སེམས་ནད་སྣ་ཚོགས་དང་འབྲེལ་བ་ཡོད།

No comments

Post a Comment

Like us on Facebook